བཀོད་པ་ནས་མ་ཤི་ཀ་བར།

མི་རིགས་ཐམས་ཅད་ལ་ཞི་བདེ་དང་དགའ་སྤྲོ་གནང་མཁན་སྐྱབས་མགོན་གྱིི་ལོ་རྒྱུས། ལོ་རྒྱུས་འདི་ཐམས་ཅད་དཀོན་མཆོག་གི་དམ་པའི་གསུང་རབ་ལས་བཏུས་པ་ཡིན་ནོ།

བཀོད་པ་ནས་མ་ཤི་ཀ་བར།

ད་གཙོ་བོ་ཡེ་ཤུའི་འཕྲིན་བཟང་ལ་ཉོན་དང༌། དཀོན་མཆོག་གིས་ངེད་རྣམས་ལ་བྱམས་པར་མཛད་པས་སྡིག་ཉེས་དང་ངོ་གནོང་ལས་ཐར་པའི་ལམ་ཞིག་མཛད། ལམ་དེ་ནི་གཙོ་བོ་ཡེ་ཤུ་ཡིན། ངེད་རྣམས་ལ་ཕན་པའི་ཆེད་དུ་ཁོང་གིས་སྡིག་ཉེས་ཅི་ཡང་མེད་པའི་མི་ཚེ་བསྐྱལ་ནས། དཀོན་མཆོག་གི་དགོངས་པ་སྐྱོན་མེད་པར་མཛད། ང་ཚོའི་ཚབ་ལ་སྡིག་ཉེས་ཀྱི་ཆད་པ་མྱོང་ཞིང༌། རྒྱང་ཤིང་སྒང་ལ་འགྲོོངས་ནས་ཁོང་སླར་གསོན་པོར་གྱུར། དེ་ལྟར་གཙོ་བོ་ཡེ་ཤུས་དཀོན་མཆོག་དང་ངེད་རྣམས་ཀྱི་འབྲེལ་བ་སླར་གསོ་བྱེད་པའི་ལམ་ཞིག་མཛད། ད་ལྟ་གཙོ་བོ་ཡེ་ཤུས་མི་ཐམས་ཅད་ལ་དཀོན་མཆོག་གི་ཐར་པ་ནི་དང་ལེན་བྱེད་པའི་ཕྱིར་སྤྱན་འདྲེན།

ཁོང་གིས་“ཁྱེད་ཡིད་ཐང་ཆད་པ་དང་ཁུར་ཆེན་གྱིིས་གནོན་པ་ཐམས་ཅད་ངའི་རྩར་ཤོག ངས་ཁྱེད་ལ་ངལ་གསོ་སྟེར་བར་བྱ། ངའི་གཉའ་ཤིང་འཁུར་ཞིང༌། ང་ལས་ཤེས་པར་གྱིིས།ང་ནི་སེམས་དུལ་ཞིང་སྙེམས་ཆུང་ཡིན་པས་ཁྱེད་ཚོའི་སེམས་ལ་ངལ་གསོ་འཐོབ་པར་འགྱུར། རྒྱུ་མཚན་ནི་ངའི་གཉའ་ཤིང་འཇམ་ཞིང་ངའི་ཁུར་ཡང་ཡང་མོ་ཡིན་པས་སོ་”ཞེས་གསུངས།